欢聚 推荐

  • 个人
  • 2018年04月15日
  • 流行舞曲  灵魂乐  
  •   0人评分   平均得分:0分
播放: 12 加入播放列表 收藏 1
00:00 00:00

歌词

索秀塔巴甲-欢聚
词:索秀塔杰
曲:索秀塔杰

རིགས་མཐུན་གྱི་སྤུན་ཟླ་ཚོ་
ཁ་བའི་ལྗོངས་ན་འཛོམས་ཤོག
ང་ཚོ་མཉམ་དུ་སྐྱིད་པའི་གླུ་དབྱངས་ཤིག་ལེན་ལ་འགྲོ།
ཕ་ཡུལ་གངས་ལྗོངས་དབུ་འཕངས་མཐོ་བའི་རྟེན་འབྲེལ་ཞིག་སྒྲིག
བོད་རིགས་སྤུན་ཟླའི་བསོད་ནམས་རྒྱས་པའི་སྨོན་ལམ་འདེབས།
ཕ་ཡུལ་གངས་ལྗོངས་དབུ་འཕངས་མཐོ་བའི་རྟེན་འབྲེལ་ཞིག་སྒྲིག
བོད་རིགས་སྤུན་ཟླའི་བསོད་ནམས་རྒྱས་པའི་སྨོན་ལམ་འདེབས།
སྨོན་ལམ་འདེབས།
གནམ་ལ་འཁོར་ལོ་རྩེ་བརྒྱད་
ས་ལ་པད་མ་འདབ་བརྒྱད་
དགེ་བཅུའི་གཡང་གི་རྭ་བ་
བུ་ཆུང་ང་ཡི་ཕ་ཡུལ་
བུ་ཆུང་ང་ཡི་ཕ་ཡུལ་

ལས་མཐུན་གྱི་སྤུན་ཟླ་ཚོ་
ཁ་བའི་ལྗོངས་ནས་འཛོམས་ཤོག
ང་ཚོ་མཉམ་དུ་དགའ་བའི་ཞབས་བྲོ་ཞིག་འཁྲབ་ཤོག
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་དར་བའི་སྨོན་ལམ་འདེབས།
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་དར་བའི་སྨོན་ལམ་འདེབས།
སྨོན་ལམ་འདེབས།
གནམ་ལ་འཇའ་ཚོན་སྣ་ལྔ་
ས་ལ་མེ་ཏོག་གུར་ཁང་།
བཀྲ་ཤིས་པའི་གནས་མཆོག་འདི་ན་
བུ་ཆུང་ང་ཡི་ཕ་ཡུལ་
བུ་ཆུང་ང་ཡི་ཕ་ཡུལ་


སེམས་མཐུན་གྱི་སྤུན་ཟླ་ཚོ་
གངས་རིའི་ལྗོངས་ནས་འཛོམས་ཤིག
ང་ཚོ་མཉམ་དུ་མཐུན་པའི་ལག་སྡང་སྦྲེལ་ཤོག
ཡ་རབས་གོམ་གཤིས་ཡུན་དུ་གནས་པའི་རྟེན་འབྲེལ་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་འདེབས།
ཡ་རབས་གོམ་གཤིས་ཡུན་དུ་གནས་པའི་རྟེན་འབྲེལ་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་འདེབས།
སྨོན་ལམ་འདེབས།
གནམ་ལ་ཁྲི་གདུགས་ཉི་མ་
ས་ལ་གངས་ཀྱི་རྭ་བ་
ཞི་བདེ་སྐྱིད་པའི་ཕ་ས་
བུ་ཆུང་ང་ཡི་ཕ་ཡུལ་
བུ་ཆུང་ང་ཡི་ཕ་ཡུལ་

创作灵感

欢聚时代
更多

评论

评论请登录
  • 暂无评论